ཐར་ལོ།

ང་བྱིས་པའི་དུས་ནས་བཟུང་ལུག་རྫི་ཡིན་པའི་ཐར་ལོ་ལ་དྲན་ཤེས་བརྟན་པོ་ཞིག་ཡོད་དེ། མི་དམངས་ལ་ཞབས་འདེགས་ཞུ་བ་ཞེས་པའི་རྩོམ་དེ་ཤར་མར་བློར་སྐྱོར་ཐུབ། ཉིན་ཞིག་རལ་བ་བཞག་ཡོད་པའི་ལུག་རྫི་ཐར་ལོ་དགོས་དབང་གིས་མཁར་གྲོང་དུ་ཐོབ་ཐང་ལག་འཁྱེར་བཟོ་རུ་སོང་བ་དང་། མཁར་གྲོང་གི་སྐྲ་བཞར་མཁན་གཡང་མཚོ་དང་འཕྲད་ནས་ཁོ་རང་བརྩེ་དུང་གི་དབང་དུ་ཤོར་བས། བདག་པོའི་ལུག་ཡོད་ཚད་བཙོངས་ནས་སྒོར་ཁྲི་བཅུ་དྲུག་ལ་བརྗེས་རྗེས་གཡང་མཚོར་བཅོལ། དེ་དང་མཉམ་དུ་རང་ཉིད་ཀྱི་མཚོན་རྟགས་རལ་བ་ཡང་དུམ་སེར་གཅོད་དུ་བཅུག གཡང་མཚོས་སྒོར་མོ་འཁྱེར་ནས་གར་སོང་ཆ་མེད་དུ་གྱུར་པ་ཤེས་རྗེས་ཐར་ལོས་རང་ཉིད་ལ་མགོ་སྐོར་ཐེབས་པ་ཤེས། ཁོའི་དཀར་པོ་མིན་ན་ནག་པོ་ཡིན་པའི་འཇིག་རྟེན་དེ་རྨང་ནས་འཇིག་འགོ་བརྩམས་པས་འཇིག་རྟེན་གསར་རྙིང་གཉིས་ཀྱི་བར་ནས་ཁོ་རང་ཅི་བྱ་གཏོལ་བྲལ་དུ་ལུས་ཤིང་། ཁོའི་གར་འགྲོ་འདིར་འགྲོ་མེད་པའི་ལས་དབང་སྐྱོ་བོ་དེ་བརྗོད་ཡོད།

ཁེ་ལས་པ།

ཡུལ་ཤུལ་ས་ཁོངས་རྒྱབ་ལྗོངས་སུ་བྱེད་པ་ནི་ཕྱོགས་ཡོངས་ནས་བོད་ས་ཁུལ་གྱི་སྤྱོད་ཚུལ་མངོན་པ་དང་དཔའ་ངར་ཆེན་པོས་ཕུགས་འདུན་དོན་གཉེར་བྱེད་པའི་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྙིང་སྟོབས་ཤིག་ཡིན་པ་དང་བོད་ས་ཁུལ་གྱི་ས་ཁོངས་ཁྱད་ཆོས་མངོན་པ་དང་དུས་རབས་ཀྱི་སྙིང་སྟོབས་མངོན་པའི་བརྩམས་ཆོས་རྩེ་གྲ་ཞིག་ཡིན་པས་བོད་ཁུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་སྔོག་འདོན་དང་།

ཨ་ཆེན་གངས་རྒྱབ།

སྐལ་གཡུ་(ཀྲང་ལའེ།)་ནི་མ་གཞི་ཉེན་རྟོག་པ་ཞིག་ཡིན་པ་དང་། གཙོད་རྔོན་རྒྱག་པའི་གནས་ཚུལ་ལ་བརྟག་དཔྱད་བྱ་ཆེད་ཁོང་གིས་གསར་འགོད་པའི་ཐོབ་ཐང་རྫུས་ནས་རྟོག་ཞིབ་ཚོགས་པ་དང་མཉམ་དུ་ཨ་ཆེན་གངས་རྒྱབ་ལ་ཡོང་བ་སྟེ།དེ་གར་གནམ་གཤིས་གྲང་ངར་ཆེ་བ་དང་མཁའ་རླུང་སྲབ་པས་དབྱང་རླུང་འདུས་ཚད་ཧ་ཅང་དམའ་པོ་ཡོད།མིའི་རིགས་འཚོ་གནས་བྱེད་སའི་"་བཀག་སྡོམ་ས་ཁུལ་"་རེད།

ཁྱི་རྒན།

གློག་བརྙན་འདིའི་ནང་དུས་རབས་༢༠པའི་ལོ་རབས་༩༠ཡི་ལོ་མཇུག་ཏུ་བོད་ཁུལ་གྱི་ས་ཆ་ག་གེ་མོ་ཞིག་ཏུ་བུ་ཡིས་ཨ་ཕའི་གཅེས་སུ་འོས་པའི་ཁྱི་རྒན་དེ་ཁོང་ལ་ཤེས་སུ་མ་བཅུག་པར། ས་གནས་ཀྱི་ཁྱི་ཚོང་པ་ཞིག་ལ་བཙོང་རྒྱུར་ཐག་བཅད་པ་ཨ་ཕས་ཤེས་རྗེས་མྱུར་དུ་རྗེས་དེད་དེ་ཁྱི་རྒན་དེ་ཕྱིར་ལོན་ཐབས་བྱས། དེ་ནས་བཟུང་ཁྱི་རྒན་དེ་ཁོས་ནམ་ཡང་སྲུང་སྐྱོབ་བྱེད་ཡུལ་ཉག་ཅིག་ཏུ་གྱུར་ནའང་། དཔལ་འབྱོར་གྱི་གཡོ་ཧམ་ཆེ་བའི་འཚོ་བའི་ཁྲོད་དུ་སྒོ་ཁྱིའི་ལས་དབང་གི་ཆེད་དུ་འཐབ་རྩོད་རབ་དང་རིམ་པ་བྱས་ཤིང་དེར་མཐུད་བློ་ཡུལ་ལས་འདས་པའི་དོན་དག་མང་པོ་ཞིག་བྱུང་བ་བརྗོད་ཡོད།

གཟི།

འདི་རང་མི་རིགས་ཀྱི་སྐད་ཡིག་དང་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་རང་རིགས་ལ་འཚོ་བའི་ཐོག་སློབ་གསོ་ཆུང་ཆུང་ཞིག་ཐོན་རྒྱུའི་ཁུལ་ཡིན་ལ་ལྷན་རྒྱས་ནས་རྒྱབ་སྐྱོར་དང་བརྒྱུད་བསྐུར་གནང་རྒྱུར་འདུན་པ་ཤིན་ཏུ་ནས་ཆེ་ལ་ལྷན་རྒྱས་ཕྱོགས་ཐུགས་རེ་གསོལ་བའི་སྨོན་འདུན་ཞུ་རྒྱུ་ཡིན།

གངས་ལྷ་མེ་ཏོག

གངས་ལྷ་མེ་ཏོག་ནི་བོད་ཀྱི་མེ་ཏོག་གཅིག་དང་རི་མོ་གཅིག་གླུ་དབྱངས་གཅིག་ཨར་ཁང་གཅིག་བུད་མེད་གཅིག་བཅས་ཀྱི་མིང་ཡིན་པ་དང་གངས་ལྷ་མེ་ཏོག་ནི་དུས་རབས་ཕྱེད་ཀ་ལྷག་ཙམ་གོང་གི་ཡིད་སྐྱོ་ཞིང་ཡིད་དབང་འཕྲོག་པ་དང་འཚོལ་བ་དང་ཤོར་བའི་བརྩེ་དུང་གི་གཏམ་རྒྱུད་ཅིག་རེད།

གཅིག་དང་དུ་མ།

གློག་བརྙན་ནང་དུ་ཐེངས་གཅིག་ལ་གདམ་གསེས་བྱེད་པ་དང་།་ཐེངས་གཅིག་ལ་ལྗོངས་རྒྱུའི་ལམ་ཐག་དང་ཐེངས་གཅིག་རྙེད་པ་དང་། རླངས་འཁོར་ཞིག་མཚོ་སྔོན་ཡུལ་ཤུལ་གྱི་མཐོ་སྒང་དུ་དལ་གྱིས་འགྲོ་བཞིན་ཡོད། རླངས་འཁོར་ནང་དུ་བསྡད་དེ་བོད་རིགས་བྱིས་པའི་སྐད་བཟང་འཚོལ་བའི་སློབ་དཔོན་ཡིན།ཁོང་ཚོས་གངས་རིར་བསྐྱོད་ནས་སློབ་གྲྭར་འཚམས་འདྲི་བྱས་པ་དང་། བབ་ཆགས་ལྷད་མེད་ཀྱི་བྱིས་པ་དེ་དག་གི་ཁྲོད་དུ་ཆེས་ལྷན་སྐྱེས་ཀྱི་བག་ལ་ཞ་བའི་རང་བཞིན་ལྡན་པའི་སྒྲ་ཞིག་འཚོལ་བཞིན་ཡོད།

ཐང་ག

གློག་བརྙན་ཐང་ག་ནི་བོད་ཀྱི་སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་གཙོ་བོ་རུ་བཟུང་སྟེ།ལྷ་བཟོ་བ་མཁས་ཅན་དུ་མས་ཐང་གའི་འབྲི་སྲོལ་རྒྱུན་འཛིན་བྱེད་པའི་བརྒྱུད་རིམ་ཁྲོད་བྱུང་བའི་གཏམ་རྒྱུད་ཞིབ་བརྗོད་བྱས་ཡོད།གློག་བརྙན་ནང་བོད་ཀྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཐུན་མོང་མིན་པའི་དཔལ་དང་གཟི་བརྗིད་མངོན་ཞིང་།བོད་ཀྱི་སྒྱུ་རྩལ་པས་སྲོལ་རྒྱུན་སྒྱུ་རྩལ་རིག་གནས་ལ་བཟུང་པའི་ཆོད་སེམས་མཚོན་པར་བྱས་ཡོད།

ཨ་ཕ་ལགས།

འདི་ནི་བརྩེ་བ་དང་གྱེས་བྲལ་གྱི་ལྟ་སྟངས་ཤིག་སྟེ། མིག་འབྲས་རེ་རེ་དང་དབུགས་འབྱིན་རེ་རེར་ཚད་མེད་པའི་སེམས་ཟབ་མོ་ཞིག་གིས་ཁེངས་ཡོད། ང་ཚོའི་པར་ཆས་ཀྱི་རྗེས་སུ་འབྲངས་ནས་ཕ་དེའི་མཐའ་མའི་དུས་ཚོད་ལ་ཞུགས་ཏེ། ཤུགས་དྲག་ཆེ་ཞིང་ནང་དུ་བཀུག་པའི་ཕ་བརྩེ་དེ་ཚོར་དགོས། མི་ཚེའི་མཐའ་མཇུག་གི་ཞི་འཇམ་དང་མི་འདོད་བཞིན་པའི་གྱེས་བྲལ་དེ་མཐོང་དགོས།

སྲོག་ཉེན་གྱི་སྤྱི་ལེ་800

ཀི་ཀྲ་རྒྱུགས་ན་རླུང་བུ་ཞིག་དང་འདྲ་བས་རྟ་རྒོད་ཟེར།གཅུང་མོ་སྒྲོལ་མའི་སྙིང་ལ་གཤགས་བཅོས་བྱས་པའི་རྐྱེན་གྱིས་འཕྲལ་དུ་སྒོར་ཁྲི་གཅིག་དགོས་ཀྱི་ཡོད་ཀྱང་ཁྱིམ་ཚང་དབུལ་པོ་ཡིན་པའི་སྐལ་བཀྲའི་ངོས་ནས་བརྗོད་ན་དེ་ནི་གནམ་དཔྱད་གྲངས་ཀ་ཞིག་དང་ཁྱད་པར་མེད།ཞིང་ཆེན་གྲོང་ཁྱེར་གྱིས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དྲིལ་བསྒྲགས་བྱེད་པའི་རྒྱང་རྒྱུགས་འགྲན་བསྡུར་སྤེལ་བ་དང་།་ཨང་དང་པོར་བྱ་དགའི་དངུལ་སྒོར་ཁྲི་གཅིག་ཐོབ།

རྫ་འདབས་ཀྱི་མི་རྒོད།

གློག་བརྙན་འདིའི་འཁྲབ་གཞུང་དམངས་ཁྲོད་དངོས་བྱུང་གཏམ་རྒྱུད༼ཡི་དྭགས་སྐེ་ལ༽་གཞིར་བཟུང་ནས་བཅོས་སྒྲིག་བྱས་པ་ཡིན་ཞིང་།གློག་བརྙན་འདིར་སྤྱི་ཚོགས་སྙིང་བའི་སྐབས་ཀྱི་ཡི་དྭགས་སྐེ་ལ་ནི་འབངས་ལ་བྱམས་ཤིང་བཙན་ལ་སྡང་བ། དཔའ་ངར་ལྡན་པའི་དཔའ་བོ་ཞིག་གི་མངར་ལ་སྐྱུར་བའི་མི་ཚེ་ལོ་རྒྱུས་དང་ན་གཞོན་ཕོ་མོ་ཟུང་གི་བརྩེ་དུང་བརྗོད་ཡོད།

དབུས་ལམ་གྱི་ཉི་མ།

སྐྱེ་རྒ་ན་འཆི་ནི་མི་ཚེ་འདིར་འབྱུང་ངེས་པ་ཅིག་ཡིན་ལ་བློ་ཡུལ་ལས་འདས་པའི་དོན་ཆེ་མ་ཆུང་གསུམ་ཀྱང་མི་ཚེ་འདིར་རྒྱུན་པར་འབྱུང་བཞིན་ཡོད། གློག་བརྙན་འདིར་བདེ་སྐྱིད་ཀྱི་འཚོ་བ་རོལ་ལ་ཉེ་བའི་ཉི་མས་ལག་ཉེས་ཤིག་གིས་རང་གི་གཅེས་པའི་ཨ་མ་འཇིག་རྟེན་ཕྱི་མའི་ཡུལ་དུ་བརྫངས་པས། ཉི་མས་རང་གི་བྱས་ཉེས་འདག་ཐབས་ཀྱིས་ཁྲག་འགོས་པའི་ས་སྤར་མོ་གང་བཟུང་སྟེ་ལྷ་སར་བརྐྱངས་ཕྱག་འཚལ་ནས་ཕྱིན། ཕྱིན་ནས་ཀྱང་ལྷ་ས་དག་པའི་ཞིང་དུ་སླེབས་ཀྱང་སེམས་ཀྱི་སྡུག་བསྔལ་དང་གནོང་པ་ཡེ་ནས་དྭངས་ཐབས་མ་བྱུང་། རེ་ཆད་དང་ཕམ་ལྟུང་དུ་གྱུར་པའི་ཉི་མ་ཕྱིར་ལོག་པའི་ལམ་བར་དུ་སེམས་པ་བཟང་ཞིང་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པའི་རྒད་པོ་ཞིག་དང་འཕྲད་ནས་རྒད་པོ་དེས་སྡུག་བསྔལ་གྱི་རྒྱ་མཚོ་རུ་ལྷུང་ཞིང་། སེམས་ཤུགས་མ་རྙེད་པའི་ཉི་མ་ལ་འཚོ་ཐབས་ཀྱི་གསོན་ཤུགས་གསར་པ་ཞིག་བྱིན་པ་མ་ཟད་དོན་དངོས་ཀྱི་འཚོ་བ་ལ་གདོང་གཏོད་ཐུབ་པའི་སྙིང་སྟོབས་ཤིག་ཀྱང་བསྩལ་པ་བརྗོད་ཡོད།

ཧི་མ་ལ་ཡ།

གློག་བརྙན་འདིའི་གཟུགས་བརྙན་གྱི་ཉམས་འགྱུར་ཧ་ཅང་མཛེས་ཤིང་ཡིད་དབང་འཕྲོག་པ་དང་། ལྷ་མོ་དང་འདྲ་བའི་བོད་གསང་ལེགས་སྦྱར་གྱི་སྒྲ་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད་པས་མི་རྣམས་སེམས་སུ་སྣང་བ་སྐྱིད་པོ་ཡོང་།