བརྡ་ཁྱབ་མཉམ་ལས།
སྔོན་གླེང་།
དྲ་ཚིགས་རྒྱུན་འཁྱོངས་ཆེད། ཀུན་འཛོམས།-བོད་ཡིག་དྲྭ་ལམ་ཀུན་བཏུས་མེ་ལོང་གིས་ད་ལྟ་བརྡ་ཁྱབ་ཞབས་ཞུ་དངོས་སུ་སྒོ་དབྱེ་བ་ཡིན་ལ། བརྡ་ཁྱབ་ཞབས་ཞུའི་ཡོང་སྒོ་ནི་ཞབས་ཞུ་འཕྲུལ་ཆས་དང་དྲ་བྱང་སོགས་ཀྱི་འགྲོ་སོང་ལ་སྤྱོད་རྒྱུ་ཡིན། ཐུགས་སྣང་ཅན་ཚོས་བརྡ་ཁྱབ་བཏང་རོགས། ཀུན་ལ་ཕན་པ་ཡོང་བར་སྨོན།
ངེས་པར་ཤེས་དགོས་པ་ཞིག་ནི།
-
- འདི་ནི་སྒེར་གྱི་དྲ་ཚིགས་ཤིག་ཡིན་པས་བརྡ་ཁྱབ་རིན་ཐང་འཛིན་ཡིག་སྤྲོད་རྒྱུ་མེད།
- བརྡ་ཁྱབ་འདིའི་བར་སྟོང་ཟླ་རེར་(ཟླ་བ་གཅིག་ལ་ཉིན་སུམ་ཅུ།)གླས་རིན་བརྩི་བས་མནན་གྲངས་ངེས་ཅན་ཞིག་འགན་ལེན་བྱེད་མི་ཐུབ། ཚོད་ལྟའི་དུས་ཡུན་མི་སྤྲོད་ལ། ཕྱེད་ཀ་ཙམ་བཏང་ཚར་རྗེས་དངུལ་ཕྱིར་སློག་མི་བྱེད། ང་ཚོས་རིན་གོང་ཐད་གྲོས་མོལ་བྱེད་ཆོག
- དྲ་ཚིགས་འདིས་རང་རྒྱལ་གྱི་ཁྲིམས་ལུགས་དང་སྒྲིག་གཞི་ལ་འགལ་འཛོལ་བྱས་པའམ་ཡང་ན་དྲ་ཚིགས་འདིའི་སྤྱོད་མཁན་གྱི་ཉམས་མྱོང་ལ་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་གང་རུང་(དཔེར་ན། གློག་འཕྲིན་ཚོང་སྒྲོག་དང་། གཡོ་ཟོལ། གློག་ཀླད་ནང་དུག་བླུགས་པ། རྒྱན་རྩེད། སྐྱེད་ཀ་མཐོ་པོའི་བུ་ལོན། འཆལ་སྤྱོད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ལ་མི་མཐུན་པ།)བརྡ་ཁྱབ་ཀྱི་ལས་དོན་སྐོར་ལ་དང་ལེན་མི་བྱེད།
- བརྡ་ཁྱབ་ནི་པར་རིས་རིགས་ཁོ་ན་མ་གཏོགས་རྒྱབ་སྐྱོར་མི་བྱེད་པས། (ཡིག་འབྲུ་རིགས་དྲ་ཐོག་ཏུ་ཐད་ཀར་སྟེང་གི་རང་འགུལ་འོས་སྦྱོར་ལ་འགྲེམས་སྤེལ་བྱེད་རོགས།) བརྡ་ཁྱབ་ཀྱི་པར་རིས་ནི་ཁྱེད་རང་གིས་སྔོན་ཚུད་ནས་གྲ་སྒྲིག་བྱས་རྗེས་ང་ཚོའི་གློག་འཕྲིན་ཁ་བྱང་ཐོག་གཏོང་དགོས། རྣམ་པ་ནི་ jpg ཡང་ན་ png ཁོ་ན་ཡིན་དགོས། (པར་རིས་ཀྱི་ནང་དོན་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། ཁྲིམས་དང་སྒྲིག་གཞི་དང་མཐུན་པ་དགོས།) ཚབ་ཨང་སྒྲིག་སྦྱོར་གྱི་བརྡ་ཁྱབ་རིགས་ལ་རྒྱབ་སྐྱོར་མེད་ལ། ཕྱེད་ཀ་ཙམ་བཏང་ཚར་རྗེས་(འབྲེལ་ཐག་ཁ་བྱང་དང་བརྡ་ཁྱབ་ཀྱི་པར་རིས་སོགས)བརྗེ་སྒྱུར་བྱེད་མི་ཆོག
- ཁྱེད་ཀྱི་བརྡ་ཁྱབ་མུ་མཐུད་དགོས་ན་དུས་ཐོག་ཏུ་འབྲེལ་བ་བྱེད་རོགས། མ་འབྲེལ་བར་ཡུན་རིང་ལུས་ན་ང་ཚོས་བརྡ་ཁྱབ་དྲ་ཚིགས་ནས་ཕྱིར་འཐེན་བྱེད་ངེས་ཡིན། གལ་སྲིད་དྲ་ཚིགས་བདག་པོས་དུས་ཚོད་རྫོགས་གྲབས་ཡོད་པར་མ་ལྟོས་པར་མུ་མཐུད་དགོས་མིན་དྲིས་ན་གང་མགྱོགས་ལན་འདེབས་བྱེད་རོགས། ཆུ་ཚོད་ ༤༨ ནང་ལན་མ་བྱས་ན་ང་ཚོས་བརྡ་ཁྱབ་དྲ་ཚིགས་ནས་སྔ་སྣུར་གྱིས་ཕྱིར་འཐེན་བྱེད་པའི་དབང་ཆ་ཡོད།
- བརྡ་ཁྱབ་འགྲེམས་བྱེད་པའི་རིང་ལ་ནང་དོན་ཐད་ནས་ཁྲིམས་དང་སྒྲིག་འགལ་གྱི་གནས་ཚུལ་བྱུང་ཚེ། ང་ཚོས་འཕྲལ་དུ་བརྡ་ཁྱབ་མེད་པར་བཟོ་རྒྱུའི་དབང་ཆ་ཡོད་ལ། དངུལ་ཡང་ཕྱིར་སློག་གི་མ་རེད།
- མཐའ་མའི་འགྲེལ་བཤད་དབང་ཆ་ང་ཚོར་དབང་།