ང་ཚོའི་སྐོར།
ངོ་སྤྲོད་མདོར་བསྡུས།
ཀུན་འཛོམས།-བོད་ཡིག་དྲྭ་ལམ་ཀུན་བཏུས་མེ་ལོང་། འདི་ནི་སྒེར་གྱི་བོད་ཡིག་དྲ་ལམ་ཕྱོགས་སྟོན་དྲ་ཚིགས་ཤིག་ཡིན་ཞིང་། དྲ་ཚིགས་བདག་པོས་རྙེད་པའི་བོད་ཡིག་དྲ་བ་དང་བེད་སྤྱོད་པ་ཚོས་ཕུལ་བའི་བོད་ཡིག་དྲ་བ་དང་བོད་འབྲེལ་དྲ་བ་རྣམས་བསྡུ་རུབ་བྱས་པ་ཞིག་ཡིན། དྲ་ཚིགས་འདི་ནི་སྤྱི་ལོ་༢༠༢༣ ལོའི་ཟླ་ ༦ ཚེས་ ༦ ཉིན་ཚོད་ལྟའི་ཆེད་དུ་འགོ་བཙུགས་ཤིང་། དེ་རྗེས་ལོ་དེའི་ཟླ་ ༦ ཚེས་ ༦ ཉིན་དངོས་སུ་སྒོ་འབྱེད་བྱས་པ་ཞིག་ཡིན། འདི་ནི་སྤུས་ཚད་མཐོ་བའི་བོད་ཡིག་ཕྱོགས་སྟོན་དྲ་ཚིགས་ཤིག་བསྐྲུན་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། བེད་སྤྱོད་པ་ཚོར་གང་སར་དུས་ཚོད་གང་འདྲ་ཞིག་ལའང་དོ་སྣང་འོས་པའི་དྲ་ཚིགས་མང་བ་རྙེད་ཐུབ་པ་བཟོ་རྒྱུ་ཡིན།