ཧེ་མ་ཧེ་མ།
ལོ་བཅུ་གཉིས་སོང་རྗེས་རི་བོ་ཧི་མ་ལ་ཡའི་འདབས་ཀྱི་ནགས་ཚལ་ནང་བདམས་ཐོན་བྱུང་བའི་མི་རྣམས་ཀྱིས་གདོང་འབག་གྱོན་ནས་ཕོ་མོའི་དབྱེ་བ་སྦས་པ་དང་འཇིག་རྟེན་པའི་ཐོབ་ཐང་བཞག་པ་དེ་ནི་ཤི་བ་ལྟ་བུའི་དུས་ཡུན་གཟའ་འཁོར་གཉིས་དང་འཇིག་རྟེན་དང་ཁ་བྲལ་བའི་ངོ་མཚར་ཆེ་བའི་སྡོམ་ཁྲིམས་ཀྱི་འཚོ་བ་སྐྱེལ།
རྟ་རྐུན།
1923ལོར་བོད་མི་ནོར་བུ་(ཚེ་དབང་རིག་འཛིན་འཁྲབ།)མཐོ་སྒང་ལས་རྟ་བརྐུས་ནས་འཚོ་བ་སྐྱེལ་གྱི་ཡོད། འོན་ཀྱང་ཁོས་རང་ཉིད་ཀྱི་ཕྲུ་གུ་བཀྲ་ཤིས་ཀྱི་ཆེད་དུ། ནོར་བུས་ལྷ་ལུག་བཏང་ནས་གསོལ་བ་སྨོན་ལམ་འདེབས།
རྒྱུད་སྐུད་སྟེང་གི་རྣམ་ཤེས།
བོད་ལྗོངས་ཀྱི་ནགས་ཚལ་སྟུག་པོ་ཞིག་གི་ཁྲོད་སྡིག་ལས་གྲངས་མེད་བྱེད་པའི་རྔོན་པ་ཐར་བྷེ༼ སྦྱིན་པས་འཁྲབ༽ ཡིས་ཤ་བ་ཞིག་བསད་པ་དང་ཤ་བ་དེའི་ཁོག་ནས་རིན་པོ་ཆེ་ཞིག་རེྙེད་མ་ཐག་སྐད་ཅིག་མའི་གློག་དམར་ཞིག་གིས་ཁོ་བོ་འཚལ་བར་བཏང་།བླ་ཆེན་བཀྲ་ཐོ་ཡིས་གཤིན་པོ་ཐར་བྷའི་རྣམ་ཤེས་བདེ་བ་ཅན་ནས་ཕྱིར་དྲངས་པར་མ་ཟད་ཁོའི་ལག་གི་རིན་པོ་ཆེ་དེ་ནི་གནམ་རྒན་མའི་མི་ཡུལ་ལ་གནང་བའི་དངོས་བོ་ཡ་མཚན་ཅན་ཞིག་རེད། ཞོར་དུ་རིན་ཆེན་དངོས་བོ་ཐོབ་པའི་མི་དེ་ལ་དངོས་བོ་དེ་ཨོ་རྒྱན་རིན་པོ་ཆེའི་ཕྱག་ཏུ་འབུལ་བའི་འོས་འགན་ཡོད་ཅེས་གསུངས་པ་རེད།དེ་བས་བླ་མའི་མཛུབ་སྟོན་ལྟར་རང་ཉིད་ཀྱི་སྔར་བྱས་ལ་འགྱོད་པ་དང་སྡིག་པ་དག་ཆེད་དབུས་ལ་ཆས་པ་རེད།ལམ་བར་དུ་དགག་རྐྱེན་མང་པོར་འཕྲད་པར་མ་ཟད་ཁོས་ཁེར་རྐྱང་གི་ལུག་རྫི་བུ་མོ་ཁྱུང་ ༼ ཆོས་ཉིད་ཚེ་རིང་གིས་འཁྲབ ༽ དང་སྤྱང་གྲུང་ལྡན་པའི་ལྐུག་པ་ཆུང་ཆུང་འཕགས ༼ ཡེ་ཤེས་བསྟན་འཛིན་གྱིས་འཁྲབ ༽ གཉིས་ངོ་ཤེས་ཏེ་མཉམ་དུ་སོང་བ་ན་ཆག་འཇིག་དང་ཉེན་ཁས་བརྟས་པའི་ལམ་ཐག་རིང་བོ་ཁེར་ཧྲང་མིན་པའི་སྣང་བ་སྐྱེས།ལམ་བར་དུ་འཁོན་སེམས་ཀྱིས་ཁེངས་པའི་སྤོས་ཐར་སྤུན་ཟླ་གཉིས་དང་རིན་པོ་ཆེར་དམིགས་པའི་མི་དག་གིས་ཕྱོགས་སོ་སོ་ནས་ཁོ་ཚོ་འདེད་གསོད་བྱེད་ཀྱིན་ཡོད་པས་ཉེན་ཁ་ཧ་ཅང་ཆེ།དེ་རྗེས་ལྐོག་གྱུར་གྱི་མི་སྣ་དགེ་ལྡན་ལྷང་ལ་འབུད་སྟངས་དེས་གཏམ་རྒྱུད་ལ་རྒྱུ་འཕྲུལ་གྱི་རྣམ་པ་དང་།དོན་དངོས་དང་འཕྲུལ་སྣང་བསྐྱར་ཟློས་ལོགས་ལུས་ཀྱི་རྣམ་པ་བསྣན་ཡོད།ཉེན་ཁ་གང་མང་དང་།ཞེ་འཁོན་ཡོད་ཚད།སྲ་མཁྲེགས་ཀྱི་རང་གཤིས།སྡིག་པ་མཐའ་དག་ནི་འཁོར་བའི་ཀློང་ནས་རྟོགས་སད་དང་སྡུག་བསྔལ་ལས་ཐར་བ་བསྟན་ཡོད་དོ།།
ཧི་མ་ལ་ཡ།
གློག་བརྙན་འདིའི་གཟུགས་བརྙན་གྱི་ཉམས་འགྱུར་ཧ་ཅང་མཛེས་ཤིང་ཡིད་དབང་འཕྲོག་པ་དང་། ལྷ་མོ་དང་འདྲ་བའི་བོད་གསང་ལེགས་སྦྱར་གྱི་སྒྲ་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད་པས་མི་རྣམས་སེམས་སུ་སྣང་བ་སྐྱིད་པོ་ཡོང་།
དབུགས་ལྒང་།
སྤྱིར་ཡིན་ན་དར་རྒྱས་ཁྱིམ་མི་གང་བོས་རྒྱུན་ལྡན་གྱི་འཚོ་བ་ཞིག་རོལ་བཞིན་ཡོད་མོད། འོན་ཀྱང་སྤྱིར་བཏང་གི་སྦྲུམ་འགོག་སྲུང་ཤུབས་ཤིག་གིས་ཁྱིམ་མི་གང་བོ་ག་བྱེད་འདི་བྱེད་མེད་པར་ཐབས་ཟད་འུ་ཐུག་གི་གནས་སུ་བསྐྱལ། ཡང་སྐབས་དེར་རང་གི་ཨ་ཕ་འདས་གྲོངས་སུ་ཕྱིན་པས་མ་གཞི་ནས་ལྷིང་ཞིང་འཇགས་པའི་འཚོ་བ་དེ་ཁད་ཀྱིས་དཀྲོགས་ཤིང་། དེ་དང་བསྟུན་དང་ལེན་དང་གདམ་ང་ཇི་ལྟར་བྱེད་མིན་གྱི་གནད་དོན་རབ་དང་རིམ་པ་ཞིག་ལ་འཕྲད་པའི་འཚོ་བའི་གནས་སྟངས་ཤིག་བརྗོད་ཡོད།
ཐར་ལོ།
ང་བྱིས་པའི་དུས་ནས་བཟུང་ལུག་རྫི་ཡིན་པའི་ཐར་ལོ་ལ་དྲན་ཤེས་བརྟན་པོ་ཞིག་ཡོད་དེ། མི་དམངས་ལ་ཞབས་འདེགས་ཞུ་བ་ཞེས་པའི་རྩོམ་དེ་ཤར་མར་བློར་སྐྱོར་ཐུབ། ཉིན་ཞིག་རལ་བ་བཞག་ཡོད་པའི་ལུག་རྫི་ཐར་ལོ་དགོས་དབང་གིས་མཁར་གྲོང་དུ་ཐོབ་ཐང་ལག་འཁྱེར་བཟོ་རུ་སོང་བ་དང་། མཁར་གྲོང་གི་སྐྲ་བཞར་མཁན་གཡང་མཚོ་དང་འཕྲད་ནས་ཁོ་རང་བརྩེ་དུང་གི་དབང་དུ་ཤོར་བས། བདག་པོའི་ལུག་ཡོད་ཚད་བཙོངས་ནས་སྒོར་ཁྲི་བཅུ་དྲུག་ལ་བརྗེས་རྗེས་གཡང་མཚོར་བཅོལ། དེ་དང་མཉམ་དུ་རང་ཉིད་ཀྱི་མཚོན་རྟགས་རལ་བ་ཡང་དུམ་སེར་གཅོད་དུ་བཅུག གཡང་མཚོས་སྒོར་མོ་འཁྱེར་ནས་གར་སོང་ཆ་མེད་དུ་གྱུར་པ་ཤེས་རྗེས་ཐར་ལོས་རང་ཉིད་ལ་མགོ་སྐོར་ཐེབས་པ་ཤེས། ཁོའི་དཀར་པོ་མིན་ན་ནག་པོ་ཡིན་པའི་འཇིག་རྟེན་དེ་རྨང་ནས་འཇིག་འགོ་བརྩམས་པས་འཇིག་རྟེན་གསར་རྙིང་གཉིས་ཀྱི་བར་ནས་ཁོ་རང་ཅི་བྱ་གཏོལ་བྲལ་དུ་ལུས་ཤིང་། ཁོའི་གར་འགྲོ་འདིར་འགྲོ་མེད་པའི་ལས་དབང་སྐྱོ་བོ་དེ་བརྗོད་ཡོད།
ཐང་ག
གློག་བརྙན་ཐང་ག་ནི་བོད་ཀྱི་སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་གཙོ་བོ་རུ་བཟུང་སྟེ།ལྷ་བཟོ་བ་མཁས་ཅན་དུ་མས་ཐང་གའི་འབྲི་སྲོལ་རྒྱུན་འཛིན་བྱེད་པའི་བརྒྱུད་རིམ་ཁྲོད་བྱུང་བའི་གཏམ་རྒྱུད་ཞིབ་བརྗོད་བྱས་ཡོད།གློག་བརྙན་ནང་བོད་ཀྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཐུན་མོང་མིན་པའི་དཔལ་དང་གཟི་བརྗིད་མངོན་ཞིང་།བོད་ཀྱི་སྒྱུ་རྩལ་པས་སྲོལ་རྒྱུན་སྒྱུ་རྩལ་རིག་གནས་ལ་བཟུང་པའི་ཆོད་སེམས་མཚོན་པར་བྱས་ཡོད།
ལུང་ནག་ན།
ཨོ་རྒྱན་ནི་འབྲུག་པའི་ན་གཞོན་དགེ་རྒན་ཞིག་ཡིན། འོན་ཀྱང་ཁོས་དཔེ་ཁྲིད་བྱེད་མི་འདོད།་དེ་ལས་ལྡོག་སྟེ་ཡོབ་གླིང་ལ་འགྲོ་འདོད་པ་དང་། གླུ་བ་འཁྱམ་པོ་ཞིག་ཏུ་འགྱུར་འདོད་པ་རེད །སློབ་གསོ་པུའུ་ཡིས་ཁོ་ལ་སེམས་གསོ་བྱེད་ཆེད་ཁོ་རང་འཛམ་གླིང་གི་ཆེས་མཐོ་བའི་སློབ་གྲྭར་དགེ་རྒན་བྱེད་དུ་མངགས།
སྤྲུལ་སྐུ།
འབྲུག་ཡུལ་ནས་ཡོང་བའི་བླ་མ་གཉིས་ཐག་རིང་ནས་ཞི་ཡ་ཐུའུ་ལ་ཡོང་ནས་ཁོ་ཚོའི་དགེ་རྒན་སྔོན་མ་ཞིག་གི་ཡང་སྲིད་བཙལ་བ་དུས།ཁོ་ཚོས་ལོ་དགུ་ཅན་གྱི་བྱིས་པ་ཆུང་ཆུང་ཅེ་ཞི་ཟེར་བའི་ཞིག་རྙེད་བྱུང་།(ཨ་ལི་ཁེ་སི་ཝུན་སུན་ཏན་ཅི་Alexandx་Wesendangeའཁྲབ།)ཁོ་ཚོའི་ཅེ་ཞི་ཁྲིད་ནས་དགོན་པར་སོང་ནས་ར་སྤྲོད་དང་ལེན་བྱེད་པའི་རེ་བ་ཡོད། ཅེ་ཞི་ཡི་ཕ་མས་བུ་ཁྲིད་ནས་འབྲུག་ཡུལ་ལ་འགྲོ་རྒྱུ་ཁས་བླངས་པ་དང་། ཁོ་ཚོས་བླ་མ་དང་འབྲེལ་འདྲིས་བྱེད་པའི་སྐབས་སུ། རྒྱུན་ཆད་མེད་པར་མི་སེམས་འགུག་པའི་གཏམ་རྒྱུད་ཅིག་ཤེས།
མཁའ་འགྲོ་མ།
གཏམ་རྒྱུད་ནི་རྗེས་དཔག་རིང་ལུགས་ཀྱི་བོད་རིགས་ལས་གཏོད་གཞོན་ནུ་ཅན་བསྟན་འཛིན་ནེ་པ་ལའི་ཀོག་ཧྥེ་ཁང་ཡག་ཤོས་ཤིག་འཛུགས་རྒྱུའི་བསམ་བློ་འཁོར་གྱི་ཡོད་པ་དང་ནུས་ཤུགས་ཡོད་རྒུས་དང་ཕུགས་འདུན་དོན་གཉེར་བྱེད་སྐབས། གློ་བུར་དུ་ཐོན་པའི་ཡ་མཚན་གྱི་རྨི་ལམ་ངན་པ་དང་འཕྲུལ་སྣང་གིས་རྙོག་དྲ་བཟོས་པས། ཁོང་གི་གྲོགས་པོ་དང་ལུང་སྟོན་པ་ཚང་མས་དེ་ནི་འཆི་ཁར་ཐུག་པ་དང་བཀྲ་མི་ཤིས་པའི་སྔ་ལྟས་ཤིག་རེད་ཅེས་ཐ་ཚིག་བསྒྲགས་རེད།
ང་ཡི་ཧི་མ་ལ་ཡ།
ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཐའ་མཚམས་བརྟན་སྲུང་བྱས་ཡོད་ཅིང་། ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་མཐའ་མཚམས་ཏེ་ཡུལ་སྨད་ཤང་གིས་རྒྱལ་ཁབ་གྱི་མཐའ་མཚམས་བརྟན་སྲུང་བྱས་པའི་བློ་བརྟན་འགྱུར་མེད་ཀྱི་བསམ་བློས་ཀྲུང་གོའི་མི་ཡོངས་ལ་སེམས་འགུལ་ཐེབས་སུ་བཅུག་པ་བརྗོད་ཡོད།
ལག་དམར།
གློག་བརྙན་འདི་ནི་སྒྲུང་གཏམ་པ་གྲགས་ཅན་ཚེ་རིང་ནོར་བུའི་སྒྲུང་ཐུང་«ལག་དམར»དང་འཁྲབ་ཁྲིད་པ་ཁོང་གི་«ལུག་གཅིག་ལྔ་ལམ་དུ་བརྫངས་པ»གཉིས་འཁྲབ་གཞུང་དུ་བཅོས་སྒྲིག་བྱས་པ་ཞིག་ཡིན་ལ། གློག་བརྙན་འདིར་མིང་ལ་སྦྱིན་པ་རུ་འབོད་པའི་ཕོ་གསར་གཉིས་དངོས་ཡོད་དང་རྨི་ལམ་ཁྲོད་བར་མེད་དུ་འགྲིམ་ཞིང་འཁྲལ་འཁྲུལ་དུ་ལུས་པའི་མི་ཚེའི་ཁྲོད་དུ་རང་ཉིད་འཚོལ་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།
ཁྱི་རྒན།
གློག་བརྙན་འདིའི་ནང་དུས་རབས་༢༠པའི་ལོ་རབས་༩༠ཡི་ལོ་མཇུག་ཏུ་བོད་ཁུལ་གྱི་ས་ཆ་ག་གེ་མོ་ཞིག་ཏུ་བུ་ཡིས་ཨ་ཕའི་གཅེས་སུ་འོས་པའི་ཁྱི་རྒན་དེ་ཁོང་ལ་ཤེས་སུ་མ་བཅུག་པར། ས་གནས་ཀྱི་ཁྱི་ཚོང་པ་ཞིག་ལ་བཙོང་རྒྱུར་ཐག་བཅད་པ་ཨ་ཕས་ཤེས་རྗེས་མྱུར་དུ་རྗེས་དེད་དེ་ཁྱི་རྒན་དེ་ཕྱིར་ལོན་ཐབས་བྱས། དེ་ནས་བཟུང་ཁྱི་རྒན་དེ་ཁོས་ནམ་ཡང་སྲུང་སྐྱོབ་བྱེད་ཡུལ་ཉག་ཅིག་ཏུ་གྱུར་ནའང་། དཔལ་འབྱོར་གྱི་གཡོ་ཧམ་ཆེ་བའི་འཚོ་བའི་ཁྲོད་དུ་སྒོ་ཁྱིའི་ལས་དབང་གི་ཆེད་དུ་འཐབ་རྩོད་རབ་དང་རིམ་པ་བྱས་ཤིང་དེར་མཐུད་བློ་ཡུལ་ལས་འདས་པའི་དོན་དག་མང་པོ་ཞིག་བྱུང་བ་བརྗོད་ཡོད།
ཆུ་ལྷམ་ཆུང་ཆུང་།
བོད་ཡུལ་གྱི་རོང་ཕྱོགས་ས་ཁུལ་ན་འཚོ་བ་རོལ་བཞིན་པའི་བྱིས་པ་དབང་གྲགས་ཀྱིས་ནམ་རྒྱུན་མཛེས་ཤིང་ཡིད་དུ་འོང་བའི་ཆུ་ལྷམ་ཆ་གཅིག་ཐོབ་པར་རེ་ཞིང་། དེ་ལྟར་ཡུན་རིང་བསྒུགས་པའི་མཐའ་མར་ཁོའི་རེ་བ་དོན་ཐོག་ཏུ་སྨིན་སྟེ་ཆུ་ལྷམ་ཆ་གཅིག་ཐོབ་སོང་ནའང་། ཆར་བ་དུས་ཐོག་ཏུ་མ་བབས་པས། ཆར་ཞིག་འབབ་པའི་རེ་བ་ལས་བྱུང་བའི་དགོད་བྲོ་ལ་ངུ་ཡང་སྐྱེན་པའི་གཏམ་རྒྱུད་ཅིག་ཡིན།
གངས་ལྷ་མེ་ཏོག
གངས་ལྷ་མེ་ཏོག་ནི་བོད་ཀྱི་མེ་ཏོག་གཅིག་དང་རི་མོ་གཅིག་གླུ་དབྱངས་གཅིག་ཨར་ཁང་གཅིག་བུད་མེད་གཅིག་བཅས་ཀྱི་མིང་ཡིན་པ་དང་གངས་ལྷ་མེ་ཏོག་ནི་དུས་རབས་ཕྱེད་ཀ་ལྷག་ཙམ་གོང་གི་ཡིད་སྐྱོ་ཞིང་ཡིད་དབང་འཕྲོག་པ་དང་འཚོལ་བ་དང་ཤོར་བའི་བརྩེ་དུང་གི་གཏམ་རྒྱུད་ཅིག་རེད།
མི་རོའི་གསང་སྒྲུང་།
གློག་བརྙན་འདི་"་བོད་རིགས་ཀྱི་བརྗོད་བྱ་"་ཞེས་པའི་དོགས་སློང་གློག་བརྙན་ཞིག་ཡིན་པ་དང་།གྲོང་ཚོར་ཞིག་ལ་གློ་བུར་དུ་ཐོན་པའི་ཚེ་སྲོག་གི་གྱོད་གཞི་ཞིག་བརྗོད་དེ་མ་གཞི་ལྷིང་འཇགས་ཀྱི་རི་གྲོང་དེ་འཇིགས་སྣང་གིས་ཁེངས་པས།
ཏཱ་ནི་སྟོད་ཀྱི་ནམ་མཁའ།
གློག་བརྙན《ཏཱ་ནི་སྟོད་ཀྱི་ནམ་མཁའ》ནི་དམངས་ཁྲོད་གཏམ་རྒྱུད《ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ》གཞིར་བྱས་ནས་བཅོས་སྒྲིག་བྱས་པའི་གློག་བརྙན་ཞིག་གོ།།
ལམ།
གློག་བརྙན་འདིའི་ནང་དུ་མི་སྣ་གཙོ་བོ་གྲྭ་རྐྱང་བསྟན་འཛིན་གྱིས་བརྐྱངས་ཕྱག་འཚལ་ནས་ལྷ་སར་འགྲོ་བའི་ལམ་བར་དུ་བགྲེས་པོ་མཇལ་སྐོར་བ་ཕ་བུ་གཉིས་དང་འཕྲད་ནས་རང་གི་འདས་དོན་མཐའ་དག་སྟེ། ཆུང་མ་རྐྱེན་ལམ་དུ་ཤོར་རྗེས་ཁོ་རང་གིས་ཡང་བསྐྱར་མི་ཚེའི་ལམ་བུ་ལ་གདམ་ཀ་ཇི་ལྟར་བྱས་ཚུལ་དང་། ཁོ་རང་བགྲོད་ཀྱིན་པའི་རྐང་འོག་གི་ས་ལམ། དེར་མ་ཟད། བར་དོ་རུ་འགྲིམས་པའི་ཆུང་མ་དང་མི་ཡུལ་དུ་བཙའ་ལ་ཉེ་སྐབས་རྐྱེན་ལམ་དུ་ཤོར་བའི་བུ་ཕྲུག་གི་ཕྱི་མའི་ལམ་བུ་སོགས། སྐྱེས་མ་ཐག་ནས་རྙེད་ཟིན་པའི་ལམ་བུ་དང་འཆི་ཁར་ད་དུང་ཡང་རྙེད་མེད་པའི་ལམ་བུ་འདི་ལ་ཡང་སྙིང་གདམ་ཀ་ཇི་ལྟར་བྱེད་མིན་བརྗོད་ཡོད།
ལྕགས་ཕོར་རུ།
དེང་སང་སྤྱི་ཚོགས་ཐོག་ཕ་མས་བུ་ཕྲུག་གི་མ་འོངས་པར་ཚད་མཐོ་དྲག་པའི་རེ་འདུན་བཅངས་ནས་རྙིང་ཞེན་ཆེ་བའི་བསམ་བློའི་འདུ་ཤེས་ཀྱིས་བུ་ཕྲུག་གི་འོད་སྟོང་ལྡན་པའི་མ་འོངས་པ་དེ་བཀག་སྡོམ་གྱི་རྒྱ་རུ་བཙུད་པའམ་ཡང་ན་ལྕགས་ཕོར་རུ་ཁོ་ནའི་ཕྱོགས་སུ་བཙན་ཁྲིད་བྱེད་པ་དེ་ནི་ཕ་མས་དུས་རབས་གསར་པའི་ན་གཞོན་ལ་ཆ་རྒྱུས་ཀྱིས་མ་འདང་པ་དང་། རྒྱལ་ཁབ་ཀྱིས་གཞོན་རབས་པའི་ཁེ་ལས་ལ་རོགས་སྐྱོར་གྱི་སྲིད་ཇུས་བཟང་པོ་དེ་མ་ཤེས་པ་མ་ཚད།ཕུགས་བསམ་དང་དངོས་ཡོད་ཀྱི་ཁྱད་པར་མ་ཤེས་པའི་སྐྱོན་ཆ་ཡིན་པ་སྨོས་ཅི་དགོས།བགྲང་ལས་འདས་པའི་མཐར་ཕྱིན་སློབ་མ་ཚོ་སྤྱི་ཚོགས་ཀྱི་འགྲན་རྩོད་ཆེ་དྲག་པའི་དབང་གིས་ལས་དོན་མི་རག་པ་དང་ཁྱིམ་ཚང་གི་བསམ་བློའི་འདུ་ཤེས་ཨུ་ཚུགས་ཆེ་སོང་བས་རང་ཉིད་ཀྱི་བསམ་ཚུལ་དང་འདོད་མོས་ལ་བསམ་ཤེས་བྱེད་མཁན་ཉུང་རྐྱེན།ལས་རིགས་གཞན་དག་ལ་ཚོད་ལྟ་དང་འཕེལ་རྒྱས་གཏོང་བའི་ཐབས་ཤེས་མེད་པར་གྱུར་སོང་། དེའི་ཕྱིར་བརྙན་ཐུང་འདིའི་ནང་ཕ་མས་བུ་ཕྲུག་གི་བསམ་བློ་དང་གདམ་ཀ་ལ་བརྩི་འཇོག་བྱེད་པར་གལ་ཆེན་ཡིན་པ་དང་།རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དེ་ལ་རྒྱུས་ལོན་དང་ཡིད་ཆེས་བྱེད་པ། ཕ་མས་སྤྱི་ཚོགས་ཀྱི་ཁ་ཕྱོགས་ལ་དོ་སྣང་བྱེད་པ། བུ་ཕྲུག་གིས་གདམ་པའི་ལམ་བུ་དེར་གཟེངས་བསྟོད་དང་རྒྱབ་སྐྱོར་བྱས་ནས་བུ་ཕྲུག་ལ་དབང་བའི་ནུས་རྩལ་ཞིག་སྐྱེད་སྲིང་བྱེད་དགོས་པའི་སྐུལ་མ་གཏོང་ཡོད།
གསའ།
མི་འགྱངས་བར་གཟིགས་འབུལ་བྱེད་རྒྱུ་ཡིན་པའི་གློག་བརྙན«གསའ»ནི་ཚེ་སྲོག་དང་དད་མོས་ལ་འབྲེལ་བའི་གཏམ་རྒྱུད་ཅིག་བརྗོད་ཡོད་པ་མ་ཟད། མཐོ་སྒང་གི་ཡུལ་ལུང་འདི་རུ་སྙན་ངག་གི་ཉམས་དང་བཅས་མི་གཤིས་ཀྱི་གཏིང་ཟབ་སར་ལག་སྙོབ་བྱས་པའི་གློག་བརྙན་ཞིག་རེད།
གཅིག་དང་དུ་མ།
གློག་བརྙན་ནང་དུ་ཐེངས་གཅིག་ལ་གདམ་གསེས་བྱེད་པ་དང་།་ཐེངས་གཅིག་ལ་ལྗོངས་རྒྱུའི་ལམ་ཐག་དང་ཐེངས་གཅིག་རྙེད་པ་དང་། རླངས་འཁོར་ཞིག་མཚོ་སྔོན་ཡུལ་ཤུལ་གྱི་མཐོ་སྒང་དུ་དལ་གྱིས་འགྲོ་བཞིན་ཡོད། རླངས་འཁོར་ནང་དུ་བསྡད་དེ་བོད་རིགས་བྱིས་པའི་སྐད་བཟང་འཚོལ་བའི་སློབ་དཔོན་ཡིན།ཁོང་ཚོས་གངས་རིར་བསྐྱོད་ནས་སློབ་གྲྭར་འཚམས་འདྲི་བྱས་པ་དང་། བབ་ཆགས་ལྷད་མེད་ཀྱི་བྱིས་པ་དེ་དག་གི་ཁྲོད་དུ་ཆེས་ལྷན་སྐྱེས་ཀྱི་བག་ལ་ཞ་བའི་རང་བཞིན་ལྡན་པའི་སྒྲ་ཞིག་འཚོལ་བཞིན་ཡོད།