སྲིད་པའི་མེ་ཏོག

འདི་ནི་མིའི་ནང་སེམས་ཀྱི་འཇིག་རྟེན་འཚོལ་ཞིབ་བྱེད་པའི་གློག་བརྙན་ཞིག་རེད།གློག་བརྙན་འདིའི་ནང་དུ་མི་སྣའི་འཁྲབ་ཚིག་གཅིག་ཀྱང་མེད།བལྟ་བྱ་ཉན་བྱའི་སྐད་ཆས་གཏམ་རྒྱུད་བཤད་པའི་འཚོལ་ཞིབ་རང་བཞིན་གྱི་གློག་བརྙན་ཞིག་གོ།།

ལམ།

གློག་བརྙན་འདིའི་ནང་དུ་མི་སྣ་གཙོ་བོ་གྲྭ་རྐྱང་བསྟན་འཛིན་གྱིས་བརྐྱངས་ཕྱག་འཚལ་ནས་ལྷ་སར་འགྲོ་བའི་ལམ་བར་དུ་བགྲེས་པོ་མཇལ་སྐོར་བ་ཕ་བུ་གཉིས་དང་འཕྲད་ནས་རང་གི་འདས་དོན་མཐའ་དག་སྟེ། ཆུང་མ་རྐྱེན་ལམ་དུ་ཤོར་རྗེས་ཁོ་རང་གིས་ཡང་བསྐྱར་མི་ཚེའི་ལམ་བུ་ལ་གདམ་ཀ་ཇི་ལྟར་བྱས་ཚུལ་དང་། ཁོ་རང་བགྲོད་ཀྱིན་པའི་རྐང་འོག་གི་ས་ལམ། དེར་མ་ཟད། བར་དོ་རུ་འགྲིམས་པའི་ཆུང་མ་དང་མི་ཡུལ་དུ་བཙའ་ལ་ཉེ་སྐབས་རྐྱེན་ལམ་དུ་ཤོར་བའི་བུ་ཕྲུག་གི་ཕྱི་མའི་ལམ་བུ་སོགས། སྐྱེས་མ་ཐག་ནས་རྙེད་ཟིན་པའི་ལམ་བུ་དང་འཆི་ཁར་ད་དུང་ཡང་རྙེད་མེད་པའི་ལམ་བུ་འདི་ལ་ཡང་སྙིང་གདམ་ཀ་ཇི་ལྟར་བྱེད་མིན་བརྗོད་ཡོད།

གཡང་མདའ།

མཚོ་སྔོན་གྱི་གཅན་ཚ་ས་ཁུལ་གྱི་ལྷ་ལུང་གྲོང་ཚོ་དང་སྟག་མོ་གྲོང་ཚོ་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོད་ལུགས་བརྗོད་པ་དང་གྲོང་ཚོ་གཉིས་ལ་སྔར་ནས་བཟུང་སྲོལ་རྒྱུན་གྱི་མདའ་འཕེན་འགྲན་བསྡུར་གྱི་གོམས་སྲོལ་་་་་་

ཆུ་ལྷམ་ཆུང་ཆུང་།

བོད་ཡུལ་གྱི་རོང་ཕྱོགས་ས་ཁུལ་ན་འཚོ་བ་རོལ་བཞིན་པའི་བྱིས་པ་དབང་གྲགས་ཀྱིས་ནམ་རྒྱུན་མཛེས་ཤིང་ཡིད་དུ་འོང་བའི་ཆུ་ལྷམ་ཆ་གཅིག་ཐོབ་པར་རེ་ཞིང་། དེ་ལྟར་ཡུན་རིང་བསྒུགས་པའི་མཐའ་མར་ཁོའི་རེ་བ་དོན་ཐོག་ཏུ་སྨིན་སྟེ་ཆུ་ལྷམ་ཆ་གཅིག་ཐོབ་སོང་ནའང་། ཆར་བ་དུས་ཐོག་ཏུ་མ་བབས་པས། ཆར་ཞིག་འབབ་པའི་རེ་བ་ལས་བྱུང་བའི་དགོད་བྲོ་ལ་ངུ་ཡང་སྐྱེན་པའི་གཏམ་རྒྱུད་ཅིག་ཡིན།

གནམ་གདུང་།

རི་འཛེག་མཁན་ཚང་མར་གདུག་རྩུབ་ཆེ་བའི་རི་མཐོའི་ཆོས་ཉིད་ཅིག་འཕྲད་ཡོད་པ་སྟེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྟོང་སྨི་8ལས་བརྒལ་ཚེ་དོན་རྐྱེན་ཐོན་པའི་རུ་མི་དང་ཡང་ན་གཉེན་ཉེར་"་མཐོང་ཡང་མ་བསྐྱབས་པ་"་ལས་བྱུང་བའི་མི་གཤིས་ཀྱི་གདོང་གཏུག་དང་མི་ཆོས་ཀྱི་འགལ་བ་ནི་བློ་གསལ་དོན་རྟོགས་ཤིག་རེད།

དབུགས་ལྒང་།

སྤྱིར་ཡིན་ན་དར་རྒྱས་ཁྱིམ་མི་གང་བོས་རྒྱུན་ལྡན་གྱི་འཚོ་བ་ཞིག་རོལ་བཞིན་ཡོད་མོད། འོན་ཀྱང་སྤྱིར་བཏང་གི་སྦྲུམ་འགོག་སྲུང་ཤུབས་ཤིག་གིས་ཁྱིམ་མི་གང་བོ་ག་བྱེད་འདི་བྱེད་མེད་པར་ཐབས་ཟད་འུ་ཐུག་གི་གནས་སུ་བསྐྱལ། ཡང་སྐབས་དེར་རང་གི་ཨ་ཕ་འདས་གྲོངས་སུ་ཕྱིན་པས་མ་གཞི་ནས་ལྷིང་ཞིང་འཇགས་པའི་འཚོ་བ་དེ་ཁད་ཀྱིས་དཀྲོགས་ཤིང་། དེ་དང་བསྟུན་དང་ལེན་དང་གདམ་ང་ཇི་ལྟར་བྱེད་མིན་གྱི་གནད་དོན་རབ་དང་རིམ་པ་ཞིག་ལ་འཕྲད་པའི་འཚོ་བའི་གནས་སྟངས་ཤིག་བརྗོད་ཡོད།

ལུང་ནག་ན།

ཨོ་རྒྱན་ནི་འབྲུག་པའི་ན་གཞོན་དགེ་རྒན་ཞིག་ཡིན། འོན་ཀྱང་ཁོས་དཔེ་ཁྲིད་བྱེད་མི་འདོད།་དེ་ལས་ལྡོག་སྟེ་ཡོབ་གླིང་ལ་འགྲོ་འདོད་པ་དང་། གླུ་བ་འཁྱམ་པོ་ཞིག་ཏུ་འགྱུར་འདོད་པ་རེད །སློབ་གསོ་པུའུ་ཡིས་ཁོ་ལ་སེམས་གསོ་བྱེད་ཆེད་ཁོ་རང་འཛམ་གླིང་གི་ཆེས་མཐོ་བའི་སློབ་གྲྭར་དགེ་རྒན་བྱེད་དུ་མངགས།

ཡེ་ཤེས་སྒྲོལ་མ།

དབྱར་ཁའི་གུང་གསེང་རིང་ཟླ་བ་ལྷ་སར་ལོག་ནས་ལོ་མང་མཐོང་རྒྱུ་མེད་པའི་སྤོ་བོ་ལགས་དང་རྨོ་བོ་ལགས་ལ་ལྟ་བར་ཡོང་སྐབས་སྤོ་བོ་ལགས་ལ་ནད་གཞི་ལྕི་པོ་ཕོག་ནས་གྲོངས་པའི་གནས་ཚུལ་འཕྲད་བཞིན་ཡོད། ནད་པར་ལྟ་སྐྱོང་དང་འདས་མཆོད་སྒྲུབ་པའི་བརྒྱུད་རིམ་ནང་རྨོ་བོ་ཡེ་ཤེས་སྒྲོལ་མས་ཁོ་མོར་རང་ཉིད་ཀྱི་ཀྱག་ཀྱོག་གི་མི་ཚེ་གང་པོ་བརྗོད་པ་དང་ལོ་ལྔ་བཅུའི་རིང་ཁོ་མོ་དང་སྐྱེས་པ་གསུམ་དབར་གྱི་དགའ་སྡང་དང་ཞེ་འཁོན་བརྗོད་པ་རེད་། བགྲེས་སོང་ཡེ་ཤེས་སྒྲོལ་མའི་ཚེ་གང་གི་གཉེན་སྒྲིག་དང་དགའ་སྡང་གི་མྱོང་བ་དམིགས་བསལ་མིན་པར་མི་རིགས་ཁག་དང་དུས་རབས་ཁག་གི་འཚོ་བའི་ཁྲོད་རྟག་ཏུ་འཕྲད་ཀྱི་ཡོད། འོན་ཀྱང་དུས་རབས་ཕྱེད་ཀའི་རིང་བོད་ས་ཁུལ་དུ་ཞིང་བྲན་ལམ་ལུགས་ནས་དེང་རབས་སྤྱི་ཚོགས་བར་གྱི་འཕོ་འགྱུར་ཆེན་པོ་དང་དེ་བཞིན་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་རིག་གནས་དང་ལས་དབང་དང་འཁོར་བའི་དད་མོས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྙིང་སྟོབས་ཀྱིས་ཁོང་གི་གཏམ་རྒྱུད་ལ་ཕུན་སུམ་ཚོགས་པ་དང་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ཀྱི་རིན་ཐང་ལྡན་ཡོད།

ལག་དམར།

གློག་བརྙན་འདི་ནི་སྒྲུང་གཏམ་པ་གྲགས་ཅན་ཚེ་རིང་ནོར་བུའི་སྒྲུང་ཐུང་«ལག་དམར»དང་འཁྲབ་ཁྲིད་པ་ཁོང་གི་«ལུག་གཅིག་ལྔ་ལམ་དུ་བརྫངས་པ»གཉིས་འཁྲབ་གཞུང་དུ་བཅོས་སྒྲིག་བྱས་པ་ཞིག་ཡིན་ལ། གློག་བརྙན་འདིར་མིང་ལ་སྦྱིན་པ་རུ་འབོད་པའི་ཕོ་གསར་གཉིས་དངོས་ཡོད་དང་རྨི་ལམ་ཁྲོད་བར་མེད་དུ་འགྲིམ་ཞིང་འཁྲལ་འཁྲུལ་དུ་ལུས་པའི་མི་ཚེའི་ཁྲོད་དུ་རང་ཉིད་འཚོལ་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།

ཧེ་མ་ཧེ་མ།

ལོ་བཅུ་གཉིས་སོང་རྗེས་རི་བོ་ཧི་མ་ལ་ཡའི་འདབས་ཀྱི་ནགས་ཚལ་ནང་བདམས་ཐོན་བྱུང་བའི་མི་རྣམས་ཀྱིས་གདོང་འབག་གྱོན་ནས་ཕོ་མོའི་དབྱེ་བ་སྦས་པ་དང་འཇིག་རྟེན་པའི་ཐོབ་ཐང་བཞག་པ་དེ་ནི་ཤི་བ་ལྟ་བུའི་དུས་ཡུན་གཟའ་འཁོར་གཉིས་དང་འཇིག་རྟེན་དང་ཁ་བྲལ་བའི་ངོ་མཚར་ཆེ་བའི་སྡོམ་ཁྲིམས་ཀྱི་འཚོ་བ་སྐྱེལ།

གཅིག་དང་བཞི།

གློག་བརྙན་དེ་ནི་བོད་ཀྱི་རྩོམ་པ་པོ་འཇམ་དབྱངས་ཚེ་རིང་གི་སྒྲུང་ཐུང་བཅོས་སྒྲིག་བྱས་པ་ཡིན་ཞིང་། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་མཇུག་གི་ཉིན་ཞིག་ལ་ཁ་བ་བུ་ཡུག་འཚུབ་པའི་མཚོ་བོད་ས་མཐོའི་གདོད་མའི་ནགས་ར་ཞིག་ཏུ། ཉེན་རྟོག་པས་ལྐོག་རྔོན་རྒྱག་མཁན་བདའ་འདེད་བྱེད་པའི་གྱོད་གཞིའི་ནང་དུ་ནགས་སྲུང་བ་ཞིག་དབང་མེད་དུ་ཚུད་པའི་གཏམ་རྒྱུད་ཅིག་བཤད་ཡོད།

ཐར་ལོ།

ང་བྱིས་པའི་དུས་ནས་བཟུང་ལུག་རྫི་ཡིན་པའི་ཐར་ལོ་ལ་དྲན་ཤེས་བརྟན་པོ་ཞིག་ཡོད་དེ། མི་དམངས་ལ་ཞབས་འདེགས་ཞུ་བ་ཞེས་པའི་རྩོམ་དེ་ཤར་མར་བློར་སྐྱོར་ཐུབ། ཉིན་ཞིག་རལ་བ་བཞག་ཡོད་པའི་ལུག་རྫི་ཐར་ལོ་དགོས་དབང་གིས་མཁར་གྲོང་དུ་ཐོབ་ཐང་ལག་འཁྱེར་བཟོ་རུ་སོང་བ་དང་། མཁར་གྲོང་གི་སྐྲ་བཞར་མཁན་གཡང་མཚོ་དང་འཕྲད་ནས་ཁོ་རང་བརྩེ་དུང་གི་དབང་དུ་ཤོར་བས། བདག་པོའི་ལུག་ཡོད་ཚད་བཙོངས་ནས་སྒོར་ཁྲི་བཅུ་དྲུག་ལ་བརྗེས་རྗེས་གཡང་མཚོར་བཅོལ། དེ་དང་མཉམ་དུ་རང་ཉིད་ཀྱི་མཚོན་རྟགས་རལ་བ་ཡང་དུམ་སེར་གཅོད་དུ་བཅུག གཡང་མཚོས་སྒོར་མོ་འཁྱེར་ནས་གར་སོང་ཆ་མེད་དུ་གྱུར་པ་ཤེས་རྗེས་ཐར་ལོས་རང་ཉིད་ལ་མགོ་སྐོར་ཐེབས་པ་ཤེས། ཁོའི་དཀར་པོ་མིན་ན་ནག་པོ་ཡིན་པའི་འཇིག་རྟེན་དེ་རྨང་ནས་འཇིག་འགོ་བརྩམས་པས་འཇིག་རྟེན་གསར་རྙིང་གཉིས་ཀྱི་བར་ནས་ཁོ་རང་ཅི་བྱ་གཏོལ་བྲལ་དུ་ལུས་ཤིང་། ཁོའི་གར་འགྲོ་འདིར་འགྲོ་མེད་པའི་ལས་དབང་སྐྱོ་བོ་དེ་བརྗོད་ཡོད།

ཨ་ཆེན་གངས་རྒྱབ།

སྐལ་གཡུ་(ཀྲང་ལའེ།)་ནི་མ་གཞི་ཉེན་རྟོག་པ་ཞིག་ཡིན་པ་དང་། གཙོད་རྔོན་རྒྱག་པའི་གནས་ཚུལ་ལ་བརྟག་དཔྱད་བྱ་ཆེད་ཁོང་གིས་གསར་འགོད་པའི་ཐོབ་ཐང་རྫུས་ནས་རྟོག་ཞིབ་ཚོགས་པ་དང་མཉམ་དུ་ཨ་ཆེན་གངས་རྒྱབ་ལ་ཡོང་བ་སྟེ།དེ་གར་གནམ་གཤིས་གྲང་ངར་ཆེ་བ་དང་མཁའ་རླུང་སྲབ་པས་དབྱང་རླུང་འདུས་ཚད་ཧ་ཅང་དམའ་པོ་ཡོད།མིའི་རིགས་འཚོ་གནས་བྱེད་སའི་"་བཀག་སྡོམ་ས་ཁུལ་"་རེད།

ཁྱི་རྒན།

གློག་བརྙན་འདིའི་ནང་དུས་རབས་༢༠པའི་ལོ་རབས་༩༠ཡི་ལོ་མཇུག་ཏུ་བོད་ཁུལ་གྱི་ས་ཆ་ག་གེ་མོ་ཞིག་ཏུ་བུ་ཡིས་ཨ་ཕའི་གཅེས་སུ་འོས་པའི་ཁྱི་རྒན་དེ་ཁོང་ལ་ཤེས་སུ་མ་བཅུག་པར། ས་གནས་ཀྱི་ཁྱི་ཚོང་པ་ཞིག་ལ་བཙོང་རྒྱུར་ཐག་བཅད་པ་ཨ་ཕས་ཤེས་རྗེས་མྱུར་དུ་རྗེས་དེད་དེ་ཁྱི་རྒན་དེ་ཕྱིར་ལོན་ཐབས་བྱས། དེ་ནས་བཟུང་ཁྱི་རྒན་དེ་ཁོས་ནམ་ཡང་སྲུང་སྐྱོབ་བྱེད་ཡུལ་ཉག་ཅིག་ཏུ་གྱུར་ནའང་། དཔལ་འབྱོར་གྱི་གཡོ་ཧམ་ཆེ་བའི་འཚོ་བའི་ཁྲོད་དུ་སྒོ་ཁྱིའི་ལས་དབང་གི་ཆེད་དུ་འཐབ་རྩོད་རབ་དང་རིམ་པ་བྱས་ཤིང་དེར་མཐུད་བློ་ཡུལ་ལས་འདས་པའི་དོན་དག་མང་པོ་ཞིག་བྱུང་བ་བརྗོད་ཡོད།