འགྱུར་མེད་ནོར་བུ་དང་ཟླ་བ་དབྱངས་འཛོམས།

བོད་ཁུལ་གྱི་བརྩེ་གླུ་ལས་དབང་གིས་འཁྲབ་ནོར་བྱེད། ཡི་གེ་རྫུན་མ་ཞིག་གིས་གངས་རི་སྲུང་བའི་དམ་བཅའ་གཏོར་བྱས།

འཁྲབ་ཁྲིད་པ།
ངག་དབང་།
གཙོ་འཁྲབ།
ཆོས་འཕེལ། པདྨ་ལྷ་མཚོ། ངག་དབང་། བསྟན་འཕེལ རིན་ཆེན། བདེ་ཆེན་ལྷ་མོ། སྒྲོལ་མ། བདེ་ལེགས་བཟང་པོ། ཚེ་རིང་ལྷ་སྐྱིད། བློ་བཟོད།
དུས་ཚོད།
2023-05
ཡིག་བྱང་།
འགྱུར་མེད་ནོར་བུ་དང་ཟླ་བ་དབྱངས་འཛོམས།

འབྲེལ་ཡོད་བརྙན་ཐུང་།

ལས་དབང་།༢

བོད་ཀྱི་གྲོང་གསེབ་ཁུལ་རྒྱབ་ལྗོངས་སུ་བཟུང་ནས་སེམས་འགུལ་ཐེབས་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག་སྟོན་པའི་གློག་བརྙན་ཐུང་ངུ་ཞིག་ཡིན། གློག་བརྙན་དེ་ལྟ་བུས་ནམ་རྒྱུན་བོད་ཀྱི་རིག་གཞུང་དང་དམངས་ཁྲོད་ཀྱི་གོམས་གཤིས་རྣམས་སྟོན་ཞིང་། བོད་མི་ཚོས་མི་ཚེ་ལ་འཛིན་པའི་བསམ་བློའི་འཁྱེར་སོ་དཀྱུས་མ་དང་བྱམས་བརྩེ་ལྡན་པ་དེ་སྟོན་ལ། ཁོ་ཚོས་བརྩེ་དུང་གི་ཆེད་དུ་ཨུ་ཚུགས་ཀྱིས་འབད་པ་བྱེད་བཞིན་པ་ཡང་སྟོན་གྱི་ཡོད།

གཟི།

འདི་རང་མི་རིགས་ཀྱི་སྐད་ཡིག་དང་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་རང་རིགས་ལ་འཚོ་བའི་ཐོག་སློབ་གསོ་ཆུང་ཆུང་ཞིག་ཐོན་རྒྱུའི་ཁུལ་ཡིན་ལ་ལྷན་རྒྱས་ནས་རྒྱབ་སྐྱོར་དང་བརྒྱུད་བསྐུར་གནང་རྒྱུར་འདུན་པ་ཤིན་ཏུ་ནས་ཆེ་ལ་ལྷན་རྒྱས་ཕྱོགས་ཐུགས་རེ་གསོལ་བའི་སྨོན་འདུན་ཞུ་རྒྱུ་ཡིན།

རྫ་འདབས་ཀྱི་མི་རྒོད།

གློག་བརྙན་འདིའི་འཁྲབ་གཞུང་དམངས་ཁྲོད་དངོས་བྱུང་གཏམ་རྒྱུད༼ཡི་དྭགས་སྐེ་ལ༽་གཞིར་བཟུང་ནས་བཅོས་སྒྲིག་བྱས་པ་ཡིན་ཞིང་།གློག་བརྙན་འདིར་སྤྱི་ཚོགས་སྙིང་བའི་སྐབས་ཀྱི་ཡི་དྭགས་སྐེ་ལ་ནི་འབངས་ལ་བྱམས་ཤིང་བཙན་ལ་སྡང་བ། དཔའ་ངར་ལྡན་པའི་དཔའ་བོ་ཞིག་གི་མངར་ལ་སྐྱུར་བའི་མི་ཚེ་ལོ་རྒྱུས་དང་ན་གཞོན་ཕོ་མོ་ཟུང་གི་བརྩེ་དུང་བརྗོད་ཡོད།

ཨ་ཕ་ལགས།

འདི་ནི་བརྩེ་བ་དང་གྱེས་བྲལ་གྱི་ལྟ་སྟངས་ཤིག་སྟེ། མིག་འབྲས་རེ་རེ་དང་དབུགས་འབྱིན་རེ་རེར་ཚད་མེད་པའི་སེམས་ཟབ་མོ་ཞིག་གིས་ཁེངས་ཡོད། ང་ཚོའི་པར་ཆས་ཀྱི་རྗེས་སུ་འབྲངས་ནས་ཕ་དེའི་མཐའ་མའི་དུས་ཚོད་ལ་ཞུགས་ཏེ། ཤུགས་དྲག་ཆེ་ཞིང་ནང་དུ་བཀུག་པའི་ཕ་བརྩེ་དེ་ཚོར་དགོས། མི་ཚེའི་མཐའ་མཇུག་གི་ཞི་འཇམ་དང་མི་འདོད་བཞིན་པའི་གྱེས་བྲལ་དེ་མཐོང་དགོས།
བརྡ་ཁྱབ།

གནས་སྐབས་སུ་དཔྱད་བརྗོད་མི་གདའ།

none
གནས་སྐབས་སུ་དཔྱད་བརྗོད་མི་གདའ།