ཡོངས་འཛིན།
2013 — 2023
ཡོངས་འཛིན་འཚོལ་བཤེར་ནི་བོད་ཡིག་གི་དྲ་ཐོག་ཆ་འཕྲིན་འཚོལ་བཤེར་གྱི་མ་ལག་ཅིག་ཡིན་ཏེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས2013ལོ་ནས་ལས་གཞིའི་འགོ་བརྩམས་པ་ཡིན། ད་ལྟ་གསར་འགྱུར་དང་། དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན་བཅས་སྡེ་ཚན་ཆེན་པོ་བརྒྱད་ཀྱི་བདག་ཉིད་ཅན་ཞིག་ཏུ་གྲུབ་ཡོད་ཅིང་། འཛམ་གླིང་ཧྲིལ་བོའི་བོད་ཡིག་འཚོལ་བཤེར་ཆེས་ཐོག་མ་དང་ཆེས་ཆེ་ཤོས་སུ་ཆགས་ཡོད། 2016ལོའི་ཟླ8པའི་ཚེས22ཉིན་ནས་དངོས་སུ་ཤར་གཏོང་བྱས་ལ། འདིས་བོད་ཡིག་བཀོལ་སྤྱོད་བྱེད་པའི་དྲ་དམངས་རྣམས་ཀྱི་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་འཚོལ་བཤེར་གྱི་དགོས་མཁོ་བསྐངས་པའི་མཚུངས་སུ། བོད་ཡིག་འདི་ཉིད་ཕུང་བོ་གཅིག་ཏུ་འགྱུར་བའི་འཛམ་བུ་གླིང་གི་ཆ་འཕྲིན་འཚོལ་བཤེར་གྱི་སྒང་ལ་གོམ་པ་སྤོས་པ་མཚོན་ནོ། །
ཡོངས་འཛིན་འཚོལ་བཤེར་ལེགས་གྲུབ་བྱུང་བ་ཡིས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་སྟོང་ཆ་མི་ཉུང་བ་ཞིག་བསྐངས་པའི་ཁར། འཛམ་བུ་གླིང་གི་དྲ་རྒྱའི་ཁོངས་སུ་བོད་ཡིག་ཆ་འཕྲིན་ལ་ཉེ་བར་འཇུག་པའི་སྒོ་མོ་ཞིག་དང་། བོད་ཀྱི་རིག་གནས་ཙམ་མ་ཟད། བོད་ཡིག་གི་ལམ་ནས་འཛམ་གླིང་གི་རིག་གནས་སྣ་མང་ལ་རྒྱུས་ལོན་དང་མཉམ་རོལ་བྱེད་པར་མཐུན་རྐྱེན་གལ་ཆེན་ཞིག་བསྐྲུན་པ་རེད།

གྲངས་གཞིའི་སྡོམ་རྩིས།
གཞི་གྲངས་དཔྱད་འཇོག
དྲ་ཚིགས་འདིས་ཀུན་འཛོམས། མཁོ་སྤྲོད་བྱས་པའི་ཡོངས་འཛིན།ཚང་མ་དྲ་རྒྱ་ལས་བྱུང་བ་ཡིན་པས། ཕྱི་རོལ་གྱི་སྦྲེལ་མཐུད་ཀྱི་གནད་ཁེལ་རང་བཞིན་དང་ཆ་ཚང་རང་བཞིན་ལ་ཁག་ཐེག་བྱེད་མི་ཐུབ། དེ་དང་ཆབས་ཅིག་ཕྱི་རོལ་གྱི་སྦྲེལ་མཐུད་འདིའི་སྟོན་ཕྱོགས་ལ། ཀུན་འཛོམས། ཡིས་དོན་དངོས་ཀྱི་ཚོད་འཛིན་མི་བྱེད་པར། 2023-01-14 ཕྱི་དྲོ།3:36བསྡུ་ལེན་བྱེད་སྐབས། དྲ་ངོས་འདིའི་སྟེང་གི་ནང་དོན་ཚང་མ་སྒྲིག་མཐུན་ཁྲིམས་མཐུན་ལ་གཏོགས་ཤིང་། དུས་ཕྱིས་ཀྱི་དྲ་ངོས་ཀྱི་ནང་དོན་ལ་སྒྲིག་འགལ་བྱུང་ཚེ། ཐད་ཀར་དྲ་ཚིགས་དོ་དམ་པར་འབྲེལ་གཏུག་བྱས་ནས་བསུབ་ཆོག ཀུན་འཛོམས། ཡིས་འགན་འཁྲི་གང་ཡང་མི་འཁུར།
འབྲེལ་ཡོད་ཕྱོགས་སྟོན།
བརྡ་ཁྱབ།
